02-12-2021 #PromoteDzongkha

སྣང་བ་གང་ཤར་གྱི་ ཨ་རྩོམ།

སློབ་ ཕྲིན་ལས་བསྟན་འཛིན། | 1648

༉ ཨ་ཅོ་རང་གིས་བྲིས་བའི་འབྲི་རྩོམ་འདི།། ཧ་ཅང་འོས་འབབ་ཆེ་ཆེར་མ་མཐོང་རུང་།།

ས་སྐམ་རྡོ་སྐམ་ནང་ལས་བཏོན་བཏོནམ་མེན།། ཤ་ཁྲག་ལུས་དང་ལྡན་པའི་སེམས་ཐོག་ལས།།

ལ་ཁག་རྐྱབ་སྟེ་འབྲི་བའི་རྩོམ་ཚིག་ཚུ།། རག་ཀ་རོག་ཀོ་ཨིན་ཟེར་མནོ་མ་ད།།

ཡ་རབ་མི་གི་ལྟ་སྤྱོད་དཔེ་ལོང་ལ།། འར་འུང་ཟང་ཟིང་ཐོག་ལས་ལཱ་མ་འབད།།

ཟ་བའི་ལྟོ་ཅིག་ཐོབ་པའི་ལཱ་འབད་གེ། ཞ་ལ་ཞོལ་ལས་བཟོ་སྟེ་མ་སྡོད་པར།།

ཝ་མོ་ཤ་དྲིམ་ཚོར་ཏེ་འགྱོ་མི་བཟུམ།། ཛ་དྲག་གཡང་སར་ལྷུང་བའི་གནོད་ཉེན་ཡོད།།

ཚ་བའི་ནད་ཀྱིས་མ་ཟིན་སྔ་གོང་ལས།། ཙྭ་བཟའ་ཆུ་འཐུང་ཐོག་ལས་དགའ་སྤྲོ་བསྒྱུར།།

མ་གྱུར་མཐའ་དང་མཉམ་པའི་སེམས་ཅན་རྣམས།། བ་གླང་སྣང་བའི་ཉམས་ཤར་མ་སྡོད་པར།།

ཕ་མ་ཨིན་ཟེར་མནོ་བསམ་བཏང་ཐོག་ལས།། པ་ཉམས་བསྐྱེད་དེ་བསམ་པ་བཟང་པོ་འབད།།

ན་ཟུག་མེད་པའི་ལུས་འདི་ཐོབ་ད་ལུ།། ད་རེས་མི་ལུས་ཁྱད་པར་ཐོབ་པའི་སྐབས།།

ཐ་དང་ཐམ་ཚིག་བཏོན་ཏེ་ལཱ་འབད་གེ། ཏ་ཐ་ག་ཏའི་རིག་གཞུང་ལྷག་པར་བརྩོན།།

ཉ་ཡི་ལུས་ལུ་སྐྱེས་སྟེ་ལས་མ་དག། ཇ་ཡི་འོད་ལྟར་ཡལ་ཏེ་འགྱོ་བའི་སྐབས།།

ཆ་རོགས་མཉམ་དང་ལྷན་ཅིག་སྡོད་ཐབས་མེད།། ཅ་ཅུ་ལྐོད་མར་ཚུད་དེ་ལུས་རྣམ་བྲལ།།

ང་དང་འདྲ་བའི་སེམས་ཅན་གཞན་ཡོད་ག། ག་ཏེ་གུ་ཏེ་འགྱོ་རུང་རང་རྐྱངམ་ཅིག།

ཁ་ནང་ལྟོ་མེད་ལོ་ལས་བཅད་དེ་གིས།། ཀ་ལས་དཔྱད་དགོཔ་སྔོན་གྱི་ལས་རང་མས།།

Social Media
facebook
Navigation links
Home | Blog | Faculty
Samtse Higher Secondary School
975-5-365622
samtsehss@education.gov.bt
Made in Bhutan